རྒྱ་ནག་གཞུང་གིས་བོད་ཁམས་བྲག་མགོ་རུ་ལྷ་སྐུ་གཏོར་བཤིག་དང་མི་མང་འཛིན་བཟུང་འབད་ཡོདཔ།
ཁ་ཙང་ཁ་ཉིནམ་རྒྱ་ནག་གཞུང་གིས་ཧེ་མ་རིག་གནས་གསར་བརྗེ་བཟུམ་གྱི་ལས་འགུལ་འོག་ལས་བོད་ཁམས་བྲག་མགོ་རུ་སངས་རྒྱས་ཀྱི་སྐུ་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། སློབ་གྲྭ་བཅས་གཏོར་བཤིག་བཏང་ཡོདཔ་མ་ཚད། ཁྲིམས་མེད་ལུགས་ཀྱིས་བོད་པའི་མི་བཅུ་ཐམ་དེ་ཅིག་ཡང་འཛིན་བཟུང་འབད་ནུག
ཕྱི་ཟླ་༡ པའི་ཚེས་༡༢ བོད་མིའི་སྒྲིག་འཛུགས་ཀྱི་ཡོངས་འབྲེལ་ཐོག་ལས་གནས་ཚུལ་སྤེལ་དོ་བཟུམ་ཨིན་པ་ཅིན། རྒྱ་ནག་གཞུང་གིས་གློ་རིགས་དང་ཡོངས་འབྲེལ་གྱི་རྒྱུ་ལམ་ཚུ་དམ་དྲག་འབད་ལྟ་རྟོགསའབད་མི་ལུ་བརྟེན། ད་ལྟོ་འཛིན་བཟུང་འོག་ལུ་ཡོད་པའི་མི་ལེ་ཤ་གི་མིང་དང་གནས་སྟངས་ག་དེ་སྦེ་ཡོད་ག་གསལ་ཏོག་ཏོ་མེད་རུང་། བྲག་མགོ་དགོན་པའི་མཁན་པོ་དཔའ་དགའ་དང་། ཕྱག་མཛོད་ཉི་མ། དགེ་སློང་བསྟན་འཛིན་ཉི་མ། དགེ་སློང་བཀྲ་ཤིས་རྡོ་རྗེ། དེ་བཟུམ་སྦེ་རྡོའི་གུ་པ་ཏྲ་བརྐོ་མི་ལྷ་མོ་གཡང་སྐྱབས་དང་། ནོར་པ་ཚེ་རིང་བསམ་གྲུབ་བཅས་འཛིན་བཟུང་འོག་ལུ་ཚུད་ཡོདཔ་ཨིན་པས། བསྟན་འཛིན་ཉི་མ་ལུ་རྣམ་འགྱུར་ལེགས་ཤོམ་མེད་ལུགས་ཚུ་སླབ་སྟེ་རྡུང་རྫོབ་ལེ་ཤ་བཏང་ཡོད་པའི་གནས་ཚུལ་འཐོན་ནུག
རྒྱ་ནག་གཞུང་གིས་ཟླཝ་ཧེ་མ་རྒྱ་ནག་གི་དངུལ་ ༤༠༠༠ ཙམ་བཏང་ཞིནམ་ལས་བཞེངས་ཡོད་པའི་སྟོན་པའི་སྐུ་དེ་གཏོར་བཤིག་བཏང་བའི་ཁར། ཁ་ཚང་ཁ་ཉིནམ་བྲག་འགོ་དགོན་པའི་རྭ་བའི་ནང་ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་རིང་ཚད་ཕི་ཀྲི་༣༠ ཅན་མ་གཅིག་ཡོད་མི་དེ་ཡང་གཏོར་བཤིག་བཏང་ཞིནམ་ལས་བོད་མིའི་ཆོས་དད་དང་། རིག་གཞུང་ལུ་མནོ་མ་ཚུགས་པའི་ཕོག་ཐུག་བཏང་ནུག
ཁམས་བྲག་མགོའི་སྐུ་གཏོར་སྐྱོན་དང་། མི་མང་འཛིན་བཟུང་གི་ཚབ་ཆེན་གནས་སྟངས་དེ་ལུ། ཕྱི་ཟླ་༡ ཚེས་༡༢ ཉིནམ་ལུ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་ཚབ་བསྟན་འཛིན་ལེགས་བཤད་ཀྱིས་“ཁ་ཙང་ཁ་ཉིནམ་རྒྱ་ནག་གཞུང་གིས་བོད་ཁམས་བྲག་མགོ་ལུ་ཐུབ་དབང་སྐུ་དང་། རྗེ་བཙུན་བྱམས་པ་མགོན་པོའི་སྐུ། མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ། སློབ་གྲྭ་བཅས་གཏོར་བཤིག་བཏང་ནུག དེ་བཟུམ་སྦེ་བོད་མི་རྣམས་འཛིན་བཟུང་འབད་ཡོད་མི་དེ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྲོལ་རྒྱུན་གྱི་ངོ་བོ་འདི་ཚུ་ལུ་མི་དགའ་བའི་རྣམ་འགྱུར་སྟོན་ཡོདཔ་མ་ཚད། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལུ་ཡང་རྩིས་མེད་བཏང་ཡོདཔ་ཨིན་པས། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་ལེན་ཐབས་བཞིན་ཡོད་མི་དེ། བོད་མིའི་སྒྲིག་འཛུགས་ལས་མཐའ་གཅིག་ཏུ་ངོ་རྒོལ་འབད་ཡོད་”ཟེར་སླབ་ནུག
སིར་ལངྐཱ་གི་གསོ་བའི་ལས་བྱེད་ཚུ་གིས་རྒྱ་གར་ལུ་དགའ་ཚོར་བསྐྱེད་དོ་ཡོདཔ་ཨིན། འཕྲལ་ཁམས་ཅིག་ཁར་སིར་ལངྐཱ་འདི་དཔལ་འབྱོར་ལུ་བྱེམ་ཕོག་སྟེ་གནས་སྟངས་ལཱ་ཁག་ཅིག་ལས་ཕར་འགྱོ་བའི་བསྒང་ཡོདཔ་ཨིན་མས། འདི་ལུ་བརྟེན་ཅ་རྣམ་གྱི་གོང་ཚད་ཡར་ཕར་མ་ཚད་སྨན་ཚུ་མ་ལང་པར་ཡོདཔ་ལས་མི་སེར་ཚུ་གིས་གཞུང་ལུ་ངོ་བརྒོལ་འབད་དོ་ཡོད་ཨིན་མས། འདི་བཟུམ་དཀའ་ངལ་འབྱུང་སྡོདཔ་ད་རྒྱ་གར་གཞུང་གིས་སྨན་ཚུ་གྲོགས་རམ་འབད་བྱིན་ཡོདཔ་ལས་གསོ་བའི་ལས་བྱེད་དང་མི་སེར་ཚུ་སེམས་དགའ་འདི་ཡོདཔ་ཨིན་མས། རྒྱལ་ཁབ་འདི་གི་མིག་ཏོག་སྨན་ཁང་གི་མདོ་ཆེན་ཌོག་ཊར་ད་མི་ཀཱ(Dr.Damika) གིས་རྒྱ་གར་གཞུང་ལུ་དགའ་འཚོར་ཡོད་ལུགས་ཚུ་ANI གནས་ཚུལ་ནང་གསུང་ཡོདཔ་ཨིན་མས།རྒྱ་གར་གཞུང་གིས་སྨན་མ་ལང་པའི་གནམ་དུས་ལུ་སྨན་ཚུ་དུས་ཚོད་ཁ་ལུ་དགོས་མཁོ་དང་བསྟུན་བཀྲམ་སྤེལ་འབད་ཡོདཔ་ཨིན་མས།སྨན་ཚུ་ཡང་ད་རེས་ཀྱི་ཟླ་ངོ་ཅིག་ལངམ་སྦེ་བསག་བརྫོད་ནང་བསག་བཞག་སྟེ་ཡོད་པའི་གནས་ཚུལ།
Comments
Post a Comment