པ་ཀིས་ཏཱན་དང་ཤྲི་ལངྐ་གི་རྒྱལ་ཁབ་གཉིས་ རྒྱ་ནག་གི་བུ་ལོན་ལས་བརྟེན་ སྲིད་དཀྲུག་འབྱུང་དོ་ཡོདཔ། པ་ཀིས་ཏཱན་དང་ཤྲི་ལངྐ་གི་རྒྱལ་ཁབ་གཉིས་ནང་ལུ་ འབྱུང་ཞིན་ཡོད་པའི་དཀའ་ངལ་ལས་བརྟེན་ མཱལ་ཌེབཛ་ ནེ་པཱལ་དང་ བང་ལ་དེཤ་གི་རྒྱལ་ཁབ་ཚུ་ རྒྱ་ནག་གི་གཞི་རྟེན་མཁོ་ཆས་ཀྱི་སྐྱིན་འགྲུལ་དང་ BRI འཆར་གཞི་གི་ནང་ལུ་ བཅའ་ གཏོགས་ནིའི་དོན་ལུ་ མནོ་བསམ་འཐེབ་གཏང་དགོཔ་འབྱུང་ཡོདཔ་ཨིན་མས། ནེ་པཱལ་གྱི་སྲིན་བློན་ ཤྲི་བཱཧ་དུར་དུ་བ་ རྒྱ་གར་ནང་གཟིགས་སྐོར་ལུ་བྱོན་པའི་སྐབས་ལུ་ སྤྱི་ཟླ་ ༣ པ་མཇུག་བསྡུ་ཁམས་ ལུ་ རྒྱ་ནག་གི་ཕྱི་འབྲེལ་བློན་པོ་ ཝང་ཡི་ ཀཊ་མཱན་དྲུ་ལུ་ གཟིགས་སྐོར་ལུ་བྱོན་ཡོད་པའི་སྐོར་ལས་ བཤད་ཡོད། ནེ་པཱལ་ གྱི་སྲིད་བློན་གིས་ གཟིགས་སྐོར་ནང་ལུ་བྱོན་ཡོད་པའི་ རྒྱ་ནག་གི་ཕྱི་འབྲེལ་བློན་པོ་ལུ་ ནེ་པཱལ་རྒྱལ་ཁབ་ཀྱིས་ བེ་ཇིང་ལས་ གནང་སྦྱིན་རྐྱངམ་གཅིག་མ་གཏོགས་ གཞི་རྟེན་མཁོ་ཆས་ལས་འགུལ་གྱི་དོན་ལུ་སྐྱིན་འགྲུལ་ལེན་མི་ཚུགས་ཟེར་སླབ་ཡོདཔ་ ཨིན་མས། དེ་ཡང་ རྒྱ་ནག་གི་ཕྱི་འབྲེལ་བློན་པོ་ ཀཊ་མཱན་དྲུ་ལུ་གཟིགས་སྐོར་ནང་ལུ་བྱོན་པའི་སྐབས་ Belt Road Initiative (BRI) གི་ཆིངས་ཡིག་གཅིག་གུ་ཡང་ མཚན་རྟགས་བཀོད་མིན་འདུག། ལྷོ་ཡེ་ཤེ་ཡའི་ལུང་ཕྱོགས་ནང་ལུ་ རྒྱ་ནག་གི་བུ་ལོན་ ཡུ་ཨེས་ཌོ་ལར་ ཐེར་འབུམ་ ༤.༧ ལས་ ཨུ་ཨེས་ཌོ་ལར་ ཐེར་ འབུམ་ ༤༠ ལུ་ཡར་སེང་འགྱོ་མི་དང་ བེ་ཇིང་གི་འཛོམས་ཆུ་ནང་ལུ་ཡོད་པའི་ པ་ཀིས་ཏཱན་དང་ཤྲི་ལངྐ་གི་རྒྱལ་ཁབ་གཉིས་ ནང་ལུ་ སྲིད་དཀྲུག་འབྱུང་དོ་ཡོད་མི་ཉམས་མྱོང་ལས་བརྟེན་ ནེ་པཱལ་གྱི་སྲིད་བློན་གྱིས་ བུ་ལོན་གྱི་འོག་ལུ་ མི་འཛུལ་ ནི་སྦེ་མཐའ་བཏོག་གནང་ནུག། པ་ཀིས་ཏཱན་གྱིས་ རྒྱ་ནག་རྒྱལ་ཁབ་ལུ་ བུ་ལོན་ བརྒྱ་ཆ་ ༡༠ ལས་ལྷག་སྤྲོད་དགོ་མི་ ལས་བརྟེན་ རང་འདོད་ཅན་གྱི་སྲིད་བློན་ ཨེམ་རན་ཧ་མེཌ་ན་ཟི་དང་ཁོ་གི་རྒྱབ་སྐྱོར་པ་ཚུ་གིས་ རྒྱལ་ཁབ་འདི་སྲིད་ དཀྲུག་བཟོ་ཐོག་ལས་ དམངས་གཙོའི་གཙུག་སྡེ་ག་ར་ ཉེན་ཁ་ཅན་བཟོ་ཡོདཔ་ཨིན། དེ་བཟུམ་སྦེ་ར་ ཤྲི་ལངྐ་གི་རྒྱལ་ཁབ་ནང་ཡང་གནས་སྟངས་མ་འདྲཝ་ཅི་ག་ཅི་ཡང་མིན་འདུག། ཨིན་རུང་ ད་ལྟོ་གི་གནས་སྟངས་ནང་ལུ་ ས་སྣུམ་ཚུ་ཉོ་ནིའི་དོན་ལུ་ ཕྱི་དངུལ་ཚད་གཟུང་གནམ་མེད་ས་མེད་མེད་པར་ རྒྱལ་ཁབ་གྱི་ དཔལ་འབྱོར་དང་ སྲིད་དཀྲུག་འབྱུང་ཡོད་མི་ལུ་ ཁ་ཉེས་བཀལ་ས་ རྒྱ་གར་གྱི་རྒྱལ་ཁབ་མིན་འདུག། རྒྱལ་ཁབ་འདི་ནང་ལུ་ དཀའ་ངལ་འབྱུང་མི་འདི་ རྒྱ་ནག་ལས་ གཞི་རྟེན་མཁོ་ཆས་གོང་འཕེལ་འཆར་གཞི་གི་འོག་ལུ་ སྐྱེད་མཐོ་དྲགས་སྦེ་བུ་ལོན་ལེན་ཡོདཔ་ལས་དཔལ་འབྱོར་གྱི་གནས་སྟངས་ཚབས་ཆེན་ནང་ལུ་བཙུགས་མི་ལས་བརྟེན་ཨིནམ་ ལས་ རྒྱལ་ཁབ་དཀའ་ངལ་ནང་ལུ་བཙུགས་མི་གི་ཁ་ཉེས་འདི་ ཐད་ཀར་དུ་ རྒྱལ་ཁབ་ཀྱི་སྲིད་བློན་ར་ཛཱ་པཱཀ་ཤཱ་ ལུ་ཕོགཔ་ཨིན། ད་རེས་ནངས་པར་ རྒྱལ་ཁབ་ནང་གི་མི་སེར་ཚུ་ གཞུང་ལུ་གྱེན་ལོག་འབད་ནི་ལས་ གདམ་ཁ་གཞན་ མེད་པར་ལུས་ཏེ་འདུག། པ་ཀིས་ཏཱན་དང་ཤྲི་ལངྐ་གི་རྒྱལ་ཁབ་གཉིས་ནང་ལུ་ འབྱུང་ཞིན་ཡོད་པའི་དཀའ་ངལ་ལས་བརྟེན་ མཱལ་ཌེབཛ་ ནེ་པཱལ་དང་ བང་ལ་དེཤ་གི་རྒྱལ་ཁབ་ཚུ་ རྒྱ་ནག་གི་གཞི་རྟེན་མཁོ་ཆས་ཀྱི་སྐྱིན་འགྲུལ་དང་ BRI འཆར་གཞི་གི་ནང་ལུ་ བཅའ་ གཏོགས་ནིའི་དོན་ལུ་ མནོ་བསམ་འཐེབ་གཏང་དགོཔ་འབྱུང་ཡོདཔ་ཨིན་མས། དེ་བསྒང་ ནེ་པཱལ་ལུ་ རྒྱ་ནག་གི་གཞུང་ཚབ་འདི་ ནེ་པཱལ་གྱི་སྲིད་ཚོགས་ནང་ལུ་ དབང་ཚད་ཅན་ཅིག་སྦེ་སྡོད་ཡོདཔ་ལས་ མོ་ཟིསཊ་དང་དམངས་སྙོམས་རིང་ལུགས་པ་གི་སྲིད་དོན་མཁས་པ་ཚུ་ བེ་ཇིང་གི་ངོ་ཚབ་ཚུ་ལུ་ གུས་ཞབས་འབད་དེ་སྡོད་ ནུག།

Comments

Popular posts from this blog