སྤྱི་ཟླ་ ༣ པའི་ཚེས་ ༢༦ གི་ ཉིན་མའི་ཆུ་ཚོད་ ༡༡.༥༥ ཚུན་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་དང་ ས་མཚམས་མཐུད་སྦྲེལ་ཡོད་མི་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ དུས་མཐུན་གནས་སྟངས་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས།
དེ་ཡང་ འབྲུག་གི་ཁྱིམ་མཚེས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༢,༠༡༧,༠༧༢ དེ་ཅིག་ལས་ མི་གྲངས་ ༡,༩༩༥,༡༣༧ དེ་ཅིག་ དྲག་ཡོད་རུང་ མི་གྲངས་ ༢༡,༡༩༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་ལྟོ་ ནདཔ་ ༧༣༨ དེ་ཅིག་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ རྒྱ་གར་ཨ་སམ་མངའ་སྡེའི་ནང་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཡོངས་བསྡོམས་ མི་གྲངས་ ༧༢༤,༡༩༥ དེ་ཅིག་ལས་ མི་གྲངས་ ༦,༦༣༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༧༡༦,༡༩༣ དེ་ཅིག་ དྲག་ཡོདཔ་ལས་ སྨན་བཅོས་འབད་མི་ ནདཔ་བསྡོམས་ ༡,༣༦༣ དེ་ཅིག་ཡོདཔ་ཨིན་པས།
དེ་ལས་ ཨ་རུ་ན་ཅཱལ་ པར་དེཤ་མངའ་སྡེའི་ནང་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༦༤,༤༨༤ དེ་ཅིག་ལས་ མི་གྲངས་ ༢༩༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ མི་གྲངས་ ༦༤,༡༨༧ དེ་ཅིག་ དྲག་ཡོདཔ་ལས་ ནདཔ་མི་ངོམ་ ༡ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
རྒྱ་གར་ཨུ་ཊ་ར་ཁཱན་(Uttarakhand) གྱི་བློན་པོ་གཙོ་འཛིན་པུཤ་ཁར་སིང་ཌ་མི་(Pushkar Singh Dhami) གིས་རྒྱལ་ཁབ་ཀྱི་དངུལ་འབྲེལ་ཚོགས་ཆུང་དང་རང་བཞིན་ཐོན་སྐྱེད་ཞལ་འཛོམས་སྐབས་རྒྱ་གར་དང་ནེ་པཱལ་རྒྱལ་ཁབ་གཉིས་རིགས་བརྒྱུད་ཅིག་ཨིན་ཟེར་གསུང་ཡོདཔ་ཨིན་མས། གནད་དོན་འདི་གིས་སྦེ་རྒྱ་གར་དང་ནེ་པཱལ་བར་ན་ས་མཚམས་ཀྱི་རྩོད་རྙོག་ཚུ་ག་དེ་དྲག་དྲག་སེལ་སྟེ་རྒྱལ་ཁབ་གཉིས་ཀྱི་བར་ན་མཐུན་ལམ་འདི་སྔར་ལས་བཙན་དགོ་ཟེར་གསུང་ནུག། ཞལ་འཛོམས་འདི་ཁར་བློན་པོ་གཙོ་འཛིན་གཙོས་རྒྱལ་ཁབ་གཉིས་ཀྱི་འགོ་དཔོན་འཛོམས་སར་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་སྔར་བ་ལྷག་སྟེ་གནས་པའི་སྨོན་ཚིག་ཚུ་གསུང་གནང་ནུག།

Comments
Post a Comment