ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོ་བོ་ལུ་ མི་སེར་ཁོང་ཁྲོ་ལང་མི་ བརྒྱ་ཕྲག་ལེ་ཤ་ཅིག་གིས་ངོ་རྒོལ།
སྤྱི་ཟླ་ ༤ པའི་ཚེས་ ༡ ལུ་ ཤྲཱི་ལངྐའི་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ དཀའ་ངལ་ལུ་བརྟེན་ཏེ་ ཁོང་ཁྲོ་ལང་མི་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་ ཤྲཱི་ལངྐའི་རྒྱལ་ས་ ཀོ་ལོ་བོ་ལུ་ སྲིད་འཛིན་གྱི་ གཟིམ་ཅུ་ནང་ ངོ་རྒོལ་འབད་བར་ འགྱོ་མི་ཚུ་ བཀག་ཐབས་ལུ་ སྲུང་སྐྱོབ་དམག་མི་ མང་རབས་ཅིག་ བཙུགས་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་དེ་ནང་ ཉེ་བར་མཁོ་བའི་ ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་ཁར་ གོང་ཚད་ཚུ་ཡང་ ཡར་འཕར་སྦོམ་སྦེ་ར་ སོང་ཡོདཔ་ད་ གློག་མེ་ཚུ་ཡང་ བཏོག་བཏང་མི་དེ་ སྤྱི་ལོ་ ༡༩༤༨ ལུ་ རྒྱལ་ཁབ་དེ་ རང་དབང་ཐོབ་ཞིནམ་ལས་ཚུར་ དེ་བཟུམ་མའི་ དཀའ་ངལ་སྦོམ་ཐོན་མི་ཚུ་ འགོ་དང་པ་ཨིནམ་ལས་ སྲིད་འཛིན་དེ་ དགོངས་ཞུ་འབད་དགོ་པའི་ མཁོ་འདོད་བཀོད་དེ་ ངོ་རྒོལ་འབད་ནུག།
དེ་སྦེ་ ངོ་རྒོལ་འབད་མི་ཚུ་གིས་ དམག་སྡེའི་སྣུམ་འཁོར་བཱཛ་ ༢ དང་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་ཇིབ་ཅིག་ལུ་ མེ་སྤར་ཡོདཔ་མ་ཚད་ འགོ་དཔོན་ཚུ་ལུ་ ས་པག་ཅུང་ཚུ་ཡང་ བཀོག་ཐོག་ལས་ ངོ་རྒོལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ,
རྒྱ་གར་ཨུ་ཊ་ར་ཁཱན་(Uttarakhand) གྱི་བློན་པོ་གཙོ་འཛིན་པུཤ་ཁར་སིང་ཌ་མི་(Pushkar Singh Dhami) གིས་རྒྱལ་ཁབ་ཀྱི་དངུལ་འབྲེལ་ཚོགས་ཆུང་དང་རང་བཞིན་ཐོན་སྐྱེད་ཞལ་འཛོམས་སྐབས་རྒྱ་གར་དང་ནེ་པཱལ་རྒྱལ་ཁབ་གཉིས་རིགས་བརྒྱུད་ཅིག་ཨིན་ཟེར་གསུང་ཡོདཔ་ཨིན་མས། གནད་དོན་འདི་གིས་སྦེ་རྒྱ་གར་དང་ནེ་པཱལ་བར་ན་ས་མཚམས་ཀྱི་རྩོད་རྙོག་ཚུ་ག་དེ་དྲག་དྲག་སེལ་སྟེ་རྒྱལ་ཁབ་གཉིས་ཀྱི་བར་ན་མཐུན་ལམ་འདི་སྔར་ལས་བཙན་དགོ་ཟེར་གསུང་ནུག། ཞལ་འཛོམས་འདི་ཁར་བློན་པོ་གཙོ་འཛིན་གཙོས་རྒྱལ་ཁབ་གཉིས་ཀྱི་འགོ་དཔོན་འཛོམས་སར་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་སྔར་བ་ལྷག་སྟེ་གནས་པའི་སྨོན་ཚིག་ཚུ་གསུང་གནང་ནུག།

Comments
Post a Comment