༉ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ གོང་འཕེལ་གྱི་ ལས་འགུལ་གཙོ་ཅན་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ ཁ་ཙ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༧༣༧ འཛིན་གྲོལ་འབད་ནུག། གོང་འཕེལ་གྱི་ ལས་སྣ་ཚུ་ཡང་ འཁོར་ལམ་དང་ ཁྲོམ་སྡེ་གོང་འཕེལ་ དེ་ལས་ སློབ་གྲྭའི་གཞི་རྟེན་མཐུན་རྐྱེན་ཚུ་ཨིནམ་ད་ མ་དངུལ་གྲོགས་རམ་དེ་ལས་ དངུལ་ཀྲམ་ས་ཡ་༣༢༥ སློབ་གྲྭ་ལྟེ་བ་༥༦ ནང་ ཉེ་བར་མཁོ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིནམ་ད་ སློབ་གྲྭ་ཚུ་གིས་ གཞི་རྟེན་མཐུན་རྐྱེན་ སློབ་ཁང་དང་ སྤྱི་དོན་ཁང་ རྩེད་རིགས་མཐུན་རྐྱེན་ གློག་རིག་ཀམ་པིའུ་ཊར་ དེ་ལས་ གྲོང་གསེབ་ས་གོ་ཚུ་ནང་ ལྷབ་སྦྱང་ལྷན་ཐབས་ལུ་ ནང་ཆས་ཚུ་ བཙུགས་ནི་ཨིན་པས། རྒྱ་གར་གཞུང་གིས་ རྟ་རས་ཐང་འཁོར་ལམ་རྒྱུན་སྐྱོང་དང་ ཉིམ་ཆུ་མཁོ་ལ་-གསང་སྦས་ཁ་རྒྱལ་ཡོངས་གཞུང་ལམ་སེལ་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ བ་འཇོ་-ཁུ་རུ་ཐང་གཞུང་ལམ་བསལ་ཚར་མི་ཡང་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་ནུག། ཟམ་བཟོ་སྐྲུན་དང་ གསརཔ་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༢༥ བཞག་སྟེ་ཡོདཔ་ད་ ཟམ་གྱི་ལྗིད་ཚད་ཡར་སེང་འབད་ནི་དང་ འཁོར་ལམ་ཚུ་ ལེགས་ཤོམ་སྦེ་ རྒྱུན་འགྲུལ་འཐབ་བཏུབ་བའི་ ལས་འགུལ་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ ལག
Posts
Showing posts from March, 2022
- Get link
- Other Apps
སྤྱི་ཟླ་ ༣ པའི་ཚེས་ ༢༦ གི་ ཉིན་མའི་ཆུ་ཚོད་ ༡༡.༥༥ ཚུན་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་དང་ ས་མཚམས་མཐུད་སྦྲེལ་ཡོད་མི་ རྒྱ་གར་རྒྱལ་ཁབ་ཀྱི་ མངའ་སྡེ་ ༣ གྱི་ནང་ ནད་ཡམས་ཀོ་ཝིཌ་-༡༩ གི་ དུས་མཐུན་གནས་སྟངས་ཚུ་ གཤམ་འཁོད་ལྟར་དུ་ཨིན་པས། དེ་ཡང་ འབྲུག་གི་ཁྱིམ་མཚེས་ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༢,༠༡༧,༠༧༢ དེ་ཅིག་ལས་ མི་གྲངས་ ༡,༩༩༥,༡༣༧ དེ་ཅིག་ དྲག་ཡོད་རུང་ མི་གྲངས་ ༢༡,༡༩༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་ལྟོ་ ནདཔ་ ༧༣༨ དེ་ཅིག་ཡོདཔ་སྦེ་བཀོད་ནུག། དེ་བཟུམ་སྦེ་ རྒྱ་གར་ཨ་སམ་མངའ་སྡེའི་ནང་ ནད་ཡམས་ཀོ་ཝིཌ་ཐོབ་མི་ཡོངས་བསྡོམས་ མི་གྲངས་ ༧༢༤,༡༩༥ དེ་ཅིག་ལས་ མི་གྲངས་ ༦,༦༣༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ མི་གྲངས་ ༧༡༦,༡༩༣ དེ་ཅིག་ དྲག་ཡོདཔ་ལས་ སྨན་བཅོས་འབད་མི་ ནདཔ་བསྡོམས་ ༡,༣༦༣ དེ་ཅིག་ཡོདཔ་ཨིན་པས། དེ་ལས་ ཨ་རུ་ན་ཅཱལ་ པར་དེཤ་མངའ་སྡེའི་ནང་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༦༤,༤༨༤ དེ་ཅིག་ལས་ མི་གྲངས་ ༢༩༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ མི་གྲངས་ ༦༤,༡༨༧ དེ་ཅིག་ དྲག་ཡོདཔ་ལས་ ནདཔ་མི་ངོམ་ ༡ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
- Get link
- Other Apps
སྤྱི་ཟླ་ ༢ པའི་ཚེས་ ༢༥ ལུ་ རྒྱ ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཨ་ཇིཏ་དོ་ཝཱལ་དང་ རྒྱ་གར་ལུ་ བལྟ་སྐོར་འབད་མི་ རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་ ཝི་ཡི་ ༢ ཀྱི་བར་ན་ ས་མཚམས་ཁག་གི་སྐོར་ལས་ གསུང་གྲོས་གནང་ནུག། དེ་ཡང་ རྒྱ་གར་དག་ རྒྱ་ནག་རྒྱལ་ཁབ་ ༢ ཀྱི་ ས་མཚམས་ཁག་ལུ་ཡོད་མི་ དམག་སྡེའི་དཀའ་ངལ་ཚུ་ བསལ་ཐབས་ལུ་ཨིནམ་ད་ དེ་བསྒང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ དོ་ཝཱལ་གྱིས་ དཀའ་ངལ་དེ་ཚུ་བསལ་ཏེ་ ཟུང་ཕྱོགས་མཐུན་འབྲེལ་ཐོག་ལས་ ཞི་བདེ་འགོ་བཙུགས་དགོཔ་སྦེ་ བཤད་ཡོདཔ་ཨིན་པས། དེ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་མཉམ་འབྲེལ་ཐོག་ལས་ དོན་གཅོད་མཐུན་ལམ་དང་ དམག་སྡེའི་གནས་རིམ་ནང་ཡང་ ཞི་བདེ་བག་ཕེབས་ཏོག་ཏོ་སྦེ་ གནས་ཚུགས་པའི་ ཁེ་ཕན་ཡོད་ལུགས་ཚུ་ཡང་བཤད་ནུག། རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་དེ་ རྒྱ་གར་དྷི་ལི་ལུ་ སྤྱི་ཟླ་ ༣ པའི་ཚེས་ ༢༤ གི་ ཕྱི་རོ་ཁམས་ཅིག་ཁར་ ལྷོད་ཡོདཔ་ད་ དེ་བཟུམ་མའི་ ཆེ་མཐོའི་གནས་རིམ་ནང་ བལྟ་སྐོར་འབད་མི་དེ་ ལོ་ངོ་ ༢ ཀྱི་ཧེ་མར་ ལ་དྭགས་ལུ་ དམག་སྡེའི་བར་ན་ དཀའ་ངལ་ཐོན་ཞིནམ་ལས་ཚུར་ ད་རེས་ འགོ་དང་པ་ཨིན་པས། ཞལ་འཛོམས་དེ་ནང་ རྒྱ་གར་དང་ རྒྱ་ནག་རྒྱལ་ཁབ་ ༢ ཆ་རའི་ ཁ་ཐུག་ལས་ བློ་མཐུན་གཅིག་འབྲེལ་ཐོག་ལུ་ ས་མཚམས་ཁག་གི་ དམག་སྡེའ
- Get link
- Other Apps
སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ཤར་ཕྱོགས་རྒྱ་ནག་གིས་ ལག་ལེན་འཐབ་མི་ སྐྱེལ་འདྲེན་གནམ་གྲུ་ བི་ཡིང་ ༧༣༧ ཟེར་མི་ཅིག་ ལྷོ་ཕྱོགས་རྒྱ་ནག་གི་ རི་ལྡན་ས་ཁོངས་ཅིག་ནང་ ཐུག་རྐྱེན་བྱུངམ་ལས་ ལམ་འགྲུལཔ་ག་ར་ལུ་ ཤི་རྐྱེན་བྱུང་ནུག། དེ་ཡང་ ལམ་འགྲུལཔ་ ༡༢༣ དང་ ལས་བྱེདཔ་ ༩ འབདཝ་ད་ མི་གྲངས་ ༡༣༢ འབག་སྟེ་ ཀཱུན་མིང་ལས་ གུང་ཟོ་ཟེར་སར་ འཕུལ་འགྲུལ་འབད་བའི་སྐབས་ལུ་ གནམ་གྲུ་དེ་ཁར་ མེ་འབརཝ་ལས་ གོང་ཛི་མངའ་སྡེའི་ རི་ལྡན་ས་ཁོངས་ཅིག་ནང་ བུད་སོངཔ་ཨིན་པས། མ་གཞི་ རྒྱ་ནག་གི་ གནམ་གྲུ་ཚུ་ ཉེན་སྲུང་དང་ལྡན་ཏོག་ཏོ་ཨིན་རུང་ ལོ་ངོ་ ༡༢ ཀྱི་ཧེ་མར་ སྤྱི་ལོ་ ༢༠༡༠ ལུ་ ཧེ་ལོང་ཇི་ཡང་མངའ་སྡེའི་ ས་གནས་ཡི་ཅཱུན་ཟེར་སར་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུངམ་ལས་ ལམ་འགྲུལཔ་ ༤༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
- Get link
- Other Apps
༉ ར་ཤི་ཡ་དང་ ཡུ་ཀེ་རེན་རྒྱལ་ཁབ་གཉིས་ཀྱི་བར་ན་ དམག་འཁྲུག་ལང་མི་དེ་གིས་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ འབྲུག་ལུ་ཡང་ འབྱེམ་ཕོག་ཡོད་པའི་ མངོན་གསལ་བྱུང་ཡི། དེ་ཡང་ འདས་པའི་བདུན་ཕྲག་ནང་ སྣུམ་འཁོར་གྱི་མར་ཁུ་ པེ་ཊཱོལ་དང་ ཌི་ཟིལ་གྱི་ གོང་ཚད་རྣམ་རྟོག་ལང་སི་སི་སྦེ་ ཡར་སེང་སོང་མི་དེ་གིས་ སྐྱེལ་འདྲེན་འབད་མི་ཚུ་གི་གྲས་ལས་ པདྨ་དགའ་ཚལ་མཁོ་ཐག་པ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ རྡོ་དཀར་སྐྱེལ་འདྲེན་འབད་མི་ ཊཱག་༡༢༠ ལྷགཔ་ཅིག་ལུ་ ཐོ་སྦོམ་སྦེ་ ཕོག་སྟེ་ཡོདཔ་ཨིན་པས། མར་ཁུའི་གོང་ཚད་ ཡར་སེང་འགྱོ་མི་དང་བསྟུན་ ས་གཏེར་ལས་འཛིན་གྱིས་ སྐྱེལ་འདྲེན་གྱི་གླ་ཆ་ ཡར་སེང་འབད་མ་བཏུབ་ལས་ སྤྱི་ཟླ་༣ པའི་ཚེས་༡༩ ལས་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་གིས་ རྡོ་དཀར་སྐྱེལ་འདྲེན་འབད་ནི་ མཚམས་འཇོག་འབད་ནུག། སྐྱེལ་འདྲེན་འབད་མི་ཚུ་གིས་ འདས་པའི་བདུན་ཕྲག་ནང་ ས་གཏེར་ལས་འཛིན་ལུ་ མར་ཁུའི་གོང་ཚད་ ཡར་སེང་སོང་ཡོདཔ་ལས་ ད་ལྟོའི་ སྐྱེལ་འདྲེན་གྱི་གླ་ཆ་ཡང་ བསྐྱར་ཞིབ་འབད་དེ་ ཡར་སེང་འབད་དགོཔ་སྦེ་ ངག་ཐོག་ལུ་ ཞུ་བ་འབད་ཡོདཔ་ད་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ ཌི་ཟིལ་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༩༨.༨༦ རེ་གནསཔ་ཨིན་པས། སྤྱི་ཟླ་༣ པའི་ཚེས་༡༧ ལུ་ རྒྱ
- Get link
- Other Apps
ར་ཤི་ཡ་དང་ ཡུག་རེན་གྱི་བར་ན་ གསུང་གྲོས་ཐེངས་གསུམ་གནང་ཡོད་རུང་ བཅུད་སྦོམ་ཅིག་བཏོན་མ་ཚུགསཔ་ཨིན་པས། ར་ཤི་ཡ་གིས་ ཁོང་གི་རེ་བ་ཚུ་དོན་མ་གྲུབ་ཚུན་ དམག་འཛིང་འབད་ནིའི་ལོ་རྒྱུས་བཤད་ཡོདཔ་ཨིན་པས། ཁོང་གི་རེ་བ་ཚུ་ཡང་ དང་པ་ ཡུག་རེན་རྒྱལ་ཁབ་འདི་ ནེ་ཀྲོ་ལ་སོགས་པའི་ སྡེ་ཚན་ནང་འཛུལ་མ་ཆོགཔ་སྦེ་རྩ་ཁྲིམས་ནང་འཁོད་དགོཔ། གཉིས་པ་ ཡུག་རེན་གྱི་ལྷོ་ཕྱོགས་ལུ་ཡོད་པའི་ ཀརིའི་མི་ཡ་ མངའ་སྡེ་འདི་ ར་ཤི་ཡ་གི་ཨིནམ་སྦེ་ངོས་ལེན་འབད་དགོཔ། གསུམ་པ་ རྒྱལ་ཁབ་ཀྱི་ཤར་ཁ་ཐུག་ལུ་ཡོད་པའི་ གྲོ་ནེསཀ་ དང་ ལུ་ཧཱནསི་ མངའ་སྡེ་གཉིས་ རང་དབང་སྤྲོད་དགོཔ་ དེ་ལས་ དྲག་པོའི་དམག་སྡེ་ཚུ་གི་ལཱ་བྱ་ཚུ་ འདི་འཕྲོ་ལས་མཚམས་འཇོག་འབད་དགོཔ་ཚུ་ཨིན་པས། དེ་ཚུ་དོན་གྲུབ་ཚུགས་པ་ཅིན་ ར་ཤི་ཡའི་ཧོངས་ལས་ འདི་འཕྲོ་ལས་འཐོན་འགྱོ་ནི་ཨིན་ཟེར་བཀོད་འདུག་ ཨིན་རུང་འདི་ལུ་ཡུག་རེན་གྱི་འགོ་དཔོན་ཚུ་གི་ངོས་ལེན་མེདཔ་ཨིན་པའི་གནས་ཚུལ།
- Get link
- Other Apps
རྒྱ་ནག་གི་ རང་སྐྱོང་མངའ་ཁོངས་ཅིག་ཨིན་མི་ ཧོང་ཀོང་ལུ༌ འཕྲལ་ཁམས་ཅིག་ཁ་ལས་ ནད་ཡམས་ཀོ་རོ་ན་ཝཻ་རཱཛ་ འགྱུར་བཅོས་འགྱོ་མི་ ཨོ་མི་ཀོ་རཱོན་དེ་ ཁྱབ་སྤེལ་སྦོམ་སྦེ་ འགྱོཝ་བཞིན་དུ་ གནོད་སྐྱོན་ཡང་ སྦོམ་སྦེ་ར་བྱུངམ་ཨིན་པས། དེ་ཡང་ འདས་པའི་ལོ་ངོ་ ༢ ཀྱི་ནང་ མི་གྲངས་ ༢༡༣ ལུ་མ་གཏོགས་ ཤི་རྐྱེན་མ་བྱུང་རུང་ སྤྱི་ཟླ་ ༣ པའི་ཚེས་ ༡༡ ལུ་ར་ རྒྱལ་ཕྲན་དེ་ནང་ ནད་ཡམས་དེ་གིས་ མི་གྲངས་ ༣,༢༣༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། ག་དེ་སྦེ་ཨིན་རུང་ ད་ཚུན་གྱི་བར་ན་ ཧོང་ཀོང་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་མི་ ཡོངས་བསྡོམས་ ༧༩,༢༩༡,༢༠༧ ལས་ མི་གྲངས་ ༩༦༣,༢༨༧ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ད་རེས་ ནདཔ་ ༢༣,༥༨༥ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
- Get link
- Other Apps
རྒྱ་ནག་ ནང་འགྱོ་བའི་ སྲིད་དོན་གྱི་ རྩོད་པ་ ནང་འཛུལ་དི་ནེ་པླལ་(Millenium Challeng Corporation) འབད་དོག་ ཡང་མི་དོག་ གི་ ཧ་ལམ་ ལོ་རྒྱུགས་ཚུ་ བཞག་ནུག། དེ་འབདཝ་ད་ རྒྱ་ནག་གི་ (MCC) ངོས་ལེན་ འབད་དེ་ རྒྱ་ནག་གི་ སྐུལ་སྲོང་ མ་འཁྱོལ་ནུག།༢༠༡༧ ནང་ ནེ་པཱ་དང་ ཨུ་ཨེས་ཨེ་ གི་ Millenium Challenge Corporation (MCC) ས་ཡིག་ རྐྱབ་ནུག། ཨུ་ཨེས་ཨེ་ གི་ ནེ་པཱལ་ལུ་ ལས་ འགུལ་བཞེས་ ནི་གི་ ཞག་དུས་ སྤྱི་ཟྲ་ ༢པ་ ཚེས་ ༢༨-༢༠༢༢ བྱིན་ནུག།འཛམ་གྲངི་ ཡོངས་ཀྱི་ ནེ་པཱལ་ལུ་ གྲོགས་རམ་ བྱིན་ས་མཐོང་ད་ དགའ་བ་སྐྱེ་ནུག། སྤྱི་ཟྲ་ ༢པ་ཚེས་ ༡༨ ནང་ རྒྱ་ནག་གི་གཞན་ཚབ་ ལྷན་ཁག་ན་ལས་ wang webin གི་ གསུང་ནུག: ང་བཅས་ རང་འདོད་ཅན་ འཕྲོལ་དང་ ཉེན་བྱིན་ མི་ཚུ་ རྒྱབ་འགལ་འབད་ནི་ ཡོད།ལ་ལུ་ ནེ་པྭལ་གི་ སྲིད་དོན་ གྱི་མི་ཚུ་( Millinnium challenge corporatuon) Indo གི་ཆ་གས་ ཨིན་ཟེར་ བཀག་ཆ་ འབད་ནུག། ཨུ་ཨེས་ དབང་འཛིན་ ག་ད་འབད་རུང་ར་ MCC ཨ་མི་རི་ཀཱན་ གཞུང་གི་ ཆ་ཤས་མེན་ དེ་འབདཝ་ད་ རང་དབང་ཅན་ ཨུ་ཨེས་(us) དང་ ཡར་རྒྱས་འགྱོ་བའི་ རྒྱལ་ཁབ་ ཚུ་ལུ་ མཉམ་འབྲེལ་ འབད་ནུག། ནེ་པཱལ་ ལུ་ ལེགས་གོམ་ གཞུང་ སྐྱོང་ཁེ་འངབ་ཅན་ རང་དབང་ མི་ ཁུངས་ཡདོ་ནི་ འདི་གི་ MCC གི་ གདམ་ཁ་ རྐྱབ
- Get link
- Other Apps
འབྲུག་མི་ཕོ་སྐྱེས་ཅིག་ རྒྱ་གར་ལས་ ཉེན་སྐྱོབ་འབད་ཡོདཔ། ཕུན་ཚོགས་གླིང་ལུ་ བཀའ་ཁྲིམས་འགོ་དཔོན་ཚུ་གིས་ འབྲུག་མི་སྐྱེས་ལོ་༥༥ ལང་མི་ རྡོ་རྗེ་དབང་འདུས་དེ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ རྩིས་ལེན་ཡོདཔ་ཨིན་པས། རྡོ་རྗེ་དབང་འདུས་དེ་ སྐྱེས་ཡུལ་ ལྷུན་རྩེ་མཁོ་མ་ལས་ཨིན་པས། གནས་ཚུལ་གྱི་ འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ རྡོ་རྗེ་དེ་ འབྲུག་ལུ་ ལོག་འོང་མ་ཚུགས་པར་ རྒྱ་གར་གྱི་ས་གནས་ མཱལ་བ་ཛར་དང་ ས་ལུ་ག་ར་ ཀ་ལིམ་སྤོང་ མང་པོ་ དར་ཇེ་གླིང་ཚུ་གི་བར་ན་ སྤྱང་འཁྱམས་ཏེ་ སྡོད་ནུག་ཟེར་ཨིན་པས། སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རྡོ་རྗེ་དབང་འདུས་དེ་ བག་ར་ཀོ་ཏི་-མེསི་ཟེར་མིའི་ སྦོ་ལོགས་ཁར་ མཐོང་ཡོདཔ་བཞིན་དུ་ ཌུ་ཝརསི་ ཨེསི་པེ་རེསི་མེལ་དང་ བྱང་བེང་གཱལ་དང་ སི་ཀིམ་ལས་ སྐྱེ་བོ་ནག་ཚོང་བཀག་སྡོམ་འབད་མི་ གཞུང་མིན་ལས་སྡེ་ཅིག་དང་ ས་གནས་ཀྱི་ གནས་ཚུལ་་ལས་སྡེ་ཅིག་གིས་ འབྲུག་གི་དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལུ་གཏང་ནིའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས། རྡོེ་རྗེ་དེ་ ད་རིས་དྲོ་པའི་ཆུ་ཚོད་༡༠.༥༠ ལུ་ འབྲུག་པའི་ས་ཁོངས་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་ར་ རྒྱལ་ཁབ་ནང་ ལོག་འོང་པའི་ ཟད་འགྲོ་ག་ར་ འབྲུག་གཞུང་གིས་ བཏང་ཡོད་པའི་གནས་ཚུལ།
- Get link
- Other Apps
པ་ཀིཛ་ཏཱན་ལུ་ རྫས་བམ་གས་བཅུག་སྟེ་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ཤི་རྐྱེན། བི་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༤ ལུ་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁྲོམ་སྡེ་ པེ་ཤ་ཝར་ཟེར་སར་ ཁ་ཆེའི་ལྷ་ཁང་ཅིག་ནང་ རྫས་བམ་གས་བཅུགཔ་ལས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ༥༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ མི་མང་ལེ་ཤ་ཅིག་ ལྷ་ཁང་ནང་ འདུ་འཛོམས་འབད་དེ་ ཁ་ཐུན་བཏང་སྡོདཔ་ད་ རང་སྲོག་བཅད་ཐོག་ལས་ རྫས་བམ་གས་བཅུག་ཡོད་རུང་ དེ་བཟུམ་མའི་ བྱ་ངན་འབད་མིའི་སྐོར་ལས་ ངོ་རྒོལ་སྡེ་ཚན་ག་གིས་ཡང་ ཁ་བཟེད་མ་བཏུབ་ཨིན་པས། ག་དེ་སྦེ་ཨིན་རུང་ རྒྱལ་ཁབ་དེ་ཁར་ འདས་པའི་ལོ་ཚུ་ནང་ རྫས་བམ་གས་བཅུག་སྟེ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ དམར་བསད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
- Get link
- Other Apps
དབྱིན་ཟླ་༡༢ པའི་ནང་ལུ་ རྒྱ་ནག་གཞུང་གིས་ བཀའ་ཤོག་གནང་མི་དང་འཁྲིལ་བ་ཅིན་ ཡོངས་འབྲེལ་ཐོག་ལས་ ཆོས་ལུགས་ཚུ་ ཁྱབ་གནས་འབད་མ་ཆོག་པའི་ བཀའ་རྒྱ་དང་ལམ་ལུགས་ཚུ་ དག་བཅོས་འབད་ཡོདཔ་ཨིན་མས། དེ་ཡང་ དབྱིན་ཟླ་༣ པའི་དབྱིན་ཚེས་༡ ལས་འགོ་བཙུགས་ཏེ་ རྒྱལ་སྤྱི་ལས་ཁུངས་དང་ གཞན་ལས་ཚོགས་ཚུ་ལས་ རྒྱལ་ཁབ་གཉིས་ཀྱི་ནང་ལུ་ གཞུང་ལས་ཆོག་ཐམ་མེད་པར་ ཡོངས་འབྲེལ་ཐོག་ལས་ ཆོས་ལུགས་ཚུ་ ཁྱབ་གནས་འབད་ནི་ལུ་ བཀག་དམ་མཛད་དེ་ཡོདཔ་ཨིན་མས། འབྱུང་ཁུངས་དང་ འཁྲིལ་བ་ཅིན་ སྲིད་འཛིན་གྱིས་ རྒྱལ་ཡོངས་གྲོས་བསྟུན་གྱི་ སྐབས་སུ་གནང་བའི་ གསུངས་བཤད་ཚུ་ཡང་ གནད་དོན་འདི་གི་ རྒྱབ་འགལ་དུ་འགྱུར་ཏེ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ མི་སྡེའི་བརྡ་བརྒྱུད་ནང་ བཀག་དམ་མཛད་པའི་གནས་ཚུལ།
- Get link
- Other Apps
ཡུ་ཀེ་རེན་ དམག་མི་ཚུ་གིས་ ར་ཤི་ཡའི་ དམག་སྡེ་ལུ་གདོང་ལན། སྤྱི་ཟླ་ ༢ པའི་ཚེས་ ༢༦ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ རྒྱལ་ས་ཀིབ་ལུ་ དབང་གནོན་གྱི་ བྱ་ངན་ལེ་ཤ་ཅིག་ བརྩམས་ཡོད་རུང་ ཡུ་ཀེ་རེན་ དམག་སྡེ་གིས་ རྒྱབ་འགལ་སྒྲིང་སྒྲིང་འབད་ནུག། དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ ཁྲོམ་སྡེ་གཙོ་ཅན་ཅིག་གི་ ཁྲོམ་ལམ་བདའ་སྟེ་ བཙན་འཛུལ་འབད་ནི་གི་ དཔའ་བཅམ་མི་ལུ་ ཡུ་ཀེ་རེན་ དམག་མི་ཚུ་གིས་ འདྲོག་སི་སི་སྦེ་ གདོང་རྒོལ་འབད་ནུག་ཟེར་ཨིན་པས། ཨིན་རུང་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ལེ་ཤ་ཅིག་ནང་ འཕྲོ་མཐུད་དེ་ར་ དམག་འཁྲུག་ལང་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ ཡུ་ཀེ་རེན་གྱི་ ཨ་ལོ་ ༣ རྩིས་ཏེ་ མི་གྲངས་ ༡༩༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།