ར་ཤི་ཡའི་ དམག་སྡེ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ དྲག་བཅོམ་འབད་ཡོདཔ་ལས་ ཡུ་ཀེ་རེན་གྱི་ མི་སེར་ཚུ་ བྲོས་བྱོལ་ཐོག་ལས་ ས་འོག་གི་ རེལ་ལི་འབབ་ཚུགས་ཚུ་ནང་ སྒར་བཅགས་ཏེ་ སྡོད་དོ་ཡོདཔ་ཨིན་པས།
དེ་ཡང་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀིབ་དང་ ཁར་ཀིབ་ལུ་ སྡོད་མི་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ རེལ་ལི་འབབ་ཚུགས་ཚུ་ནང་ རང་སོའི་བེག་ཚུ་གིས་ མཐའ་བསྐོར་ཏེ་ གོ་ལ་ཚུ་ ཚ་ཏོག་ཏོ་ གྱོན་ཐོག་ལས་ ཞག་ཉལཝ་ཨིན་པས་ཟེར་ གནས་ཚུལ་ཅིག་ནང་བཀོད་ནུག།
མ་གཞི་ ཡུ་ཀེ་རེན་ལུ་ ནུབ་མོར་འགྲུལ་བཀག་འབད་ཡོད་རུང་ རེལ་ལི་འབབ་ཚུགས་ཚུ་ རྫས་བམ་ལས་ ཟུར་སྡོད་ས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ མི་སེར་ ༡༠༠,༠༠༠ ལྷགཔ་ཅིག་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ནང་ བྱོག་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
རྒྱ་གར་ཨུ་ཊ་ར་ཁཱན་(Uttarakhand) གྱི་བློན་པོ་གཙོ་འཛིན་པུཤ་ཁར་སིང་ཌ་མི་(Pushkar Singh Dhami) གིས་རྒྱལ་ཁབ་ཀྱི་དངུལ་འབྲེལ་ཚོགས་ཆུང་དང་རང་བཞིན་ཐོན་སྐྱེད་ཞལ་འཛོམས་སྐབས་རྒྱ་གར་དང་ནེ་པཱལ་རྒྱལ་ཁབ་གཉིས་རིགས་བརྒྱུད་ཅིག་ཨིན་ཟེར་གསུང་ཡོདཔ་ཨིན་མས། གནད་དོན་འདི་གིས་སྦེ་རྒྱ་གར་དང་ནེ་པཱལ་བར་ན་ས་མཚམས་ཀྱི་རྩོད་རྙོག་ཚུ་ག་དེ་དྲག་དྲག་སེལ་སྟེ་རྒྱལ་ཁབ་གཉིས་ཀྱི་བར་ན་མཐུན་ལམ་འདི་སྔར་ལས་བཙན་དགོ་ཟེར་གསུང་ནུག། ཞལ་འཛོམས་འདི་ཁར་བློན་པོ་གཙོ་འཛིན་གཙོས་རྒྱལ་ཁབ་གཉིས་ཀྱི་འགོ་དཔོན་འཛོམས་སར་རྒྱལ་ཁབ་གཉིས་ཀྱི་མཐུན་ལམ་སྔར་བ་ལྷག་སྟེ་གནས་པའི་སྨོན་ཚིག་ཚུ་གསུང་གནང་ནུག།
Comments
Post a Comment