དེའི་ འཛམ་གྲིང་ནང་ རྒྱ་ནག་འདི་ མི་དྲོབས་ མང་བའི་ རྒྱལ་ཁབ་ ཨིན། ཨིན་སྟེ་འབད་རུང་ར།རྒྱ་ནག་གི་ མི་ དྲབས་ཉམས་ འགྱོཝ་ཟེེར་ཚ་ གྱང་ལང་ནུག།
ཧེམ་ཚར་ ཅིག་ རྒྱ་ནག་གི་ གཞུང་གི་ མི་དྲབས་ མར་ཕབ་ འབད་དེས་ ཡི། དེ་འབད་ཝ་ད་ ད་ལྟོ་ མི་དྲོབས་ ཡར་སེང་ འབད་ནི་གི་ དོན་ལུ་ ལེ་ཤ་གནད་ ཚད་ཚུ་ འབད་དེས། ཨ་ལོ་གཉིས་ སྲིད་བྱུས་ ལག་ལེན་ འཐབ་རུང་ར་ རྒྱ་ནག་ནང་ མི་དྲོབས་ ཡར་སེང་མ་འགྱོ་ ནུག། དུས་དེ་ ལས་ ཨ་ལོ་གསུམ་ གི་ སྲིད་བྱུས་བཞག་ ནུག།དེ་འབདཝ་ད་ གཉེན་རྐྱབ་རྐྱབཔ་ བཟའ་གྲོགས་ ཚུ་ ཨ་ལོ་དོག་ནི་ནང་ སྤྲོ་བ་ མེདཔ་མས། དེ་གིས་ སྦེ་རྒྱ་ནག་གི་ གཞུང་གི་ མ་འདྲཝ་ སྣ་ཚོགས་ཀྱི་ བྱིན་འདོད་ ཨ་ལོ་གསུམ་ བྱིན་མི་ཚུ་ལུ་ བྱིན་ནུག།
གསར་འགྱུར་ ཨ་ལམ་ཅནི་ ནང་ རྒྱ་ནག་གི་ ཨ་ལུ་ཁེ་ཕན་ ཧེང་སྐང་ ཁྲལ་མ་རཀལ་ནི་ དང་ ཨ་ལུ་ལྟ་སྐྱོང་ཚུ་ བྱིན་ནི་ཟེར་ ཁྱབ་བསྒགས་འབད་ ནུག། རྒྱ་ནག་ གི་དབང་ཆད་ ཚུ་ གི་ཡང་ལས་ ཁུངས་མགུ་ ལས་ བཞེས་སྒོ་ བྱིན་ནང་ དང་ མ་འདྲཝ་ སྣ་ཚོགས་ཀྱི་ ཁེ་ཕན་ཚུ་ ཨ་ལུ་གསུམ་བྱིན་མི་ ཚུ་ལུ་ བྱིན་ནུག། ད་ ད་ལྟོ་ མི་དྲོབས་ ༡.༤༡ ཐེར་འཐུམ་ ཡོད་ནུག། འདི་ ལུ་ བཏེན་ཏེ་ རྒྱ་ནག་ ནང་མི་དྲོབས་ ཡང་སེང་ ནུག།
འབྲུག་མི་ཕོ་སྐྱེས་ཅིག་ རྒྱ་གར་ལས་ ཉེན་སྐྱོབ་འབད་ཡོདཔ། ཕུན་ཚོགས་གླིང་ལུ་ བཀའ་ཁྲིམས་འགོ་དཔོན་ཚུ་གིས་ འབྲུག་མི་སྐྱེས་ལོ་༥༥ ལང་མི་ རྡོ་རྗེ་དབང་འདུས་དེ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ རྩིས་ལེན་ཡོདཔ་ཨིན་པས། རྡོ་རྗེ་དབང་འདུས་དེ་ སྐྱེས་ཡུལ་ ལྷུན་རྩེ་མཁོ་མ་ལས་ཨིན་པས། གནས་ཚུལ་གྱི་ འབྱུང་ཁུངས་ཚུ་དང་འཁྲིལཝ་ད་ རྡོ་རྗེ་དེ་ འབྲུག་ལུ་ ལོག་འོང་མ་ཚུགས་པར་ རྒྱ་གར་གྱི་ས་གནས་ མཱལ་བ་ཛར་དང་ ས་ལུ་ག་ར་ ཀ་ལིམ་སྤོང་ མང་པོ་ དར་ཇེ་གླིང་ཚུ་གི་བར་ན་ སྤྱང་འཁྱམས་ཏེ་ སྡོད་ནུག་ཟེར་ཨིན་པས། སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རྡོ་རྗེ་དབང་འདུས་དེ་ བག་ར་ཀོ་ཏི་-མེསི་ཟེར་མིའི་ སྦོ་ལོགས་ཁར་ མཐོང་ཡོདཔ་བཞིན་དུ་ ཌུ་ཝརསི་ ཨེསི་པེ་རེསི་མེལ་དང་ བྱང་བེང་གཱལ་དང་ སི་ཀིམ་ལས་ སྐྱེ་བོ་ནག་ཚོང་བཀག་སྡོམ་འབད་མི་ གཞུང་མིན་ལས་སྡེ་ཅིག་དང་ ས་གནས་ཀྱི་ གནས་ཚུལ་་ལས་སྡེ་ཅིག་གིས་ འབྲུག་གི་དབང་འཛིན་ཚུ་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལུ་གཏང་ནིའི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས། རྡོེ་རྗེ་དེ་ ད་རིས་དྲོ་པའི་ཆུ་ཚོད་༡༠.༥༠ ལུ་ འབྲུག་པའི་ས་ཁོངས་ནང་ འཛུལ་ཞུགས་འབད་ཡོདཔ་ད་ ཁོ་ར་ རྒྱལ་ཁབ་ནང་ ལོག་འོང་པའི་ ཟད་འགྲོ་ག་ར་ འབྲུག་གཞུང་གིས་ བཏང་ཡོད་པའི་གནས་ཚུལ།
Comments
Post a Comment